སྨར་ཚང་ལས་ཁུངས་ནས།

My blogs

About me

Gender Male
Introduction ཆོས་རྗེ་སྨར་པ་ཤེས་རབ་ཡེ་ཤེས་མཆོག་གིས་ཕྱི་ལོ་༡༡༦༧་ལོར་དཔལ་བཀྲ་ཤིས་ཤོ་དགོན་ཕྱག་བཏབ་ནས་ཕྱི་ལོ་༢༠༡༡་ལོའི་བར་མི་ལོ་༨༤༤་ཧྲིལ་པོ་འཁོར་བའི་བོད་བརྒྱུད་ནང་བསྟན་འདི་ཉམས་གསོ་ཆེད་དུ་འབད་འབུངས་བྱེད་མུ་ཡིན། སྨར་ཚང་གི་ཆོས་སྒོར་ཞུགས་པའི་མཁས་མཆོག་སྨྲ་བའི་སེང་གེ་དང་རྟོགས་ལྡན་གྲུབ་པའི་དབང་ཕྱུག་བགྲངས་ལས་འདས་པའི་ཁྲོད་ནས་འགྲོ་མགོན་རིན་ཆེན། རྒྱལ་བ་ཡངས་དགོན་པ་ཡེ་ཤེས་རྒྱལ་མཚན། སྤྱན་སྔ་བ་བྱང་ཆུབ་གྲགས་པ། དབུ་རྩི་བ་བསོད་ནམས་ཡེ་ཤེས། སྟོན་པ་ཚུལ་ཁྲིམས་གཞོན་ནུ། འགྲོ་མགོན་རིན་ཆེན་རྒྱལ་མཚན། འགྲོ་མགོན་དཀོན་མཆོག་རྒྱལ་མཚན། དཀོན་མཆོག་རྡོ་རྗེ། བྱང་ཆུབ་སེང་གེ་སོགས་ཀྱི་ལོ་རྒྱུས་དང་རྩོམ་ཆོས་ལ་ཉུལ་གཞིགས་བྱེད་མུ་ཡིན་པས་སྐུ་ཉིད་ཀྱིས་གོང་ཞུས་གསུང་རྩོམ་ཁག་ཕྱག་ཏུ་སོན་ཚེ་སྨར་ཚང་ལས་ཁུངས་ལ་འབྲེལ་གཏུགས་དང་རོགས་ཕན་གནང་ན་ལས་དོན་གྲུབ་འབྲས་ཐོན་མཚམས་སུ་ཐུགས་རྗེ་ལེགས་འབུལ་གྱ་ནོམ་པ་ཕུལ་རྒྱུ་ཡིན་པས་འབྲེལ་བ་གནང་རོགས་ཞུས། ཕྱི་ཟླ་༥་ཚེས་༢༦་ལ།