རིག་འཛིན་ཁྱུངཿ

My blogs

About me

Gender Male
Industry Education
Occupation རྩོམ་སྒྲིམ།
Location རྣམ་གྲོལ་གླིང་།, མྱ་སུ་རུ། mysore, India
Introduction ངག་སྒོ་ཐོག་མ་ངུ་སྐད་ཀྱིས་ཕྱེས་ཀྱང་།། ཨ་མའི་ཞལ་རས་འཛུམ་དཀར་གྱིས་བཀང་ཡོད།། ཀ་ཁ་ཀློག་རྒྱུའི་ཉེས་ཆད་ཀྱི་འོག་ནས།། གྲོང་པའི་བུ་དང་བྲོས་བྱོལ་དུ་སོང་ཡོད།། དུས་བཞི་ཁྱུད་མོའི་ཨ་ལོང་གི་ནང་དུ།། འབྲི་རྒན་མ་ཚོའི་རྔ་མ་རུ་གྱུར་སོང་།། དོས་ཡ་འགྱོག་པའི་ནུས་པ་ཞིག་མེད་ཀྱང་།། ཕོ་གསར་སྣང་བ་དགུང་སྔོན་ལ་ལྡིང་སོང་།། ལྕང་ལོ་ཁུར་བའི་ཁྱིམ་མཚེས་ཀྱི་བུ་མོས།། སྙིང་གི་ཁང་བུར་བཙན་འཛུལ་ཞིག་བྱས་བྱུང་།། རང་རྒྱུས་མེད་པའི་ང་རྒྱལ་གྱི་འཁྲུལ་སྣང་།། སྡར་མའི་མགོ་བོ་ཨུ་ཁུང་གིས་གང་སོང་།། ཞིང་འབྲོག་བྱ་བའི་དཀའ་ཚེགས་ཀྱི་ཁྲོད་ནས།། སྤྲོ་སྣང་འབུམ་གྱིས་གཏེར་ཁ་ཞིག་ཐོབ་སོང་།། སྒྲོལ་མ་ལ་བཙས་དཀར་གོར་གྱིས་གསོས་དུས།། ཚ་བའི་ཡུལ་འདིར་ལས་རླུང་གིས་ཁྱེར་སོང་།། ངེས་འབྱུང་སྲད་བུས་བརྒྱུད་སྟངས་འདིས་འོག་ནས།། ཆོས་གོས་སེར་པོའི་འགབ་གཤམ་དུ་བཏགས་སོང་།། འཆད་རྩོད་བྱ་བའི་འུར་ཟིང་གི་ཁྲོད་ནས།། གཞོན་ནུའི་ལང་ཚོ་སྟོང་ཉིད་དུ་ཐིམ་སོང་།། ཚ་བ་འབབ་པའི་རྒྱ་གར་གྱི་ཡུལ་ནས།། ཁ་བ་སྐྱ་མོ་མགོ་ཐོག་ཏུ་བཞག་སོང་།།
Interests བོད་ཡིག་འབྲི་རྒྱུ།
Favorite Movies བརྩེ་དུངས་མུ་འབྲེལ་སྒྲུང་གཏམ།
Favorite Music རིག་འཛིན་སྒྲོལ་མ། བསྟན་པ་དབང་མོ། གདུགས་དཀར་ཡག།
Favorite Books དེབ་ཐེར་དཀར་པོ།